༄༅།།བོད་ཟླ་ ༡ ཚེས་ ༢༢ ཉིན་ཀླུ་སྦུག་གམ་ཀླུ་སྒུག་ག་ཐང་དུ་གུར་གྱིས་སྒར་བཏབ།དེ་ཉིན་ཡ་སོར་སྤྱི་ཁྱབ་པ་གཉིས་ཀྱི་ན་བཟའ་གོས་རྒྱན་གཞི་སེར་པོ་འབྲུག་ཆེན་རྒྱབ་མདུན་གཉིས་སུ་ཀེར་ལངས་བྱས་པ་དང་། སྐེད་རགས་གསེར་ཁེབས། ཕོར་ཤུབས་གོས་ཚོན་ཁྲ་མཚལ་ཀརྒྱ་གྲི་དང་།རྒྱ་ཁུགདབུ་ཞྭ་ཝ་སྒིར།ཞབས་ཅག་འཇའ་མཚལ་སོགས་དང་། ཡ་གཡོག་ངོ་ལས་དང་བཅས་པ་བླ་སྟེང་བཀའ་ཤག་གི་དབུ་གཡབ་འོག་བཅར། འབྲས་ཚོགས་ཆེན་དགེ་བསྐོས་ནས་བླང་དོར་བྱེད་སྒོའི་ཚོགས་གཏམ་ཟིན་འཕྲལ་བཀའ་བློན་རྣམ་པའི་ཁོངས་ནས་བཀའ་བློན་ཁྲི་པས་ཡ་སོར་ངོ་ལས་ལ་ཀླུ་སྦུག་སྒར་སྒྲིག་ནས་བཟུང་གྲོལ་སྟོན་བར་བྱེད་སྒོའི་བཀའ་བསྒྱུར་གནང་ཟིན་བསྟུན་ཡ་སོར་ངོ་ལས་རྣམས་ཇོ་བོའི་དབུ་སྐྲ་ནས་རྟ་ཆིབས་ཏེ་སྔོན་བསྐྱོད་ནས་ཇུས་ཡག་དར་ཆེན་ལ་སྙན་ཤལ་སྒྲོགས་ཏེ་གཡས་བསྐོར་གྱིས་ཀླུ་སྒུག་སྒར་བསྒྲིགས་ཀྱི་དབུ་གུར་སར་ཕེབས་སྐབས་ལམ་གྱི་གཡས་གཡོན་དང་། དབུ་གུར་མདོ་སྦུག་གང་སར་གཞུང་ཞབས་དང་། མི་མང་བཅས་ནས་ལྟད་མོ་བལྟ་བར་འཚང་ག་ཤིག་ཤིག་ཡོང་སྲོལ་ལ། དབུ་གུར་གྱི་བཞུགས་ཁྲིའི་ཐོག་བཞུགས་ཉིད་གསོལ་ཇ།བཞེས་འབྲས་བཏེགས།

མཆོད་ཆང་ཕུད་གཏོར་ཞུ་མི་རྒྱན་བཟང་མ་ཞེས་སྔར་ལུགས་བུད་མེད་ལོ་ཕྲ་མཛེས་མ་གཉིས་དང་། རྒྱན་གཡོག་གཉིས། ཁྲུང་ཞུ་མ་གཉིས།ཁྲུང་གཡོག་གཉིས་བཅས་ཡོད། རྒྱན་བཟང་མས་ན་བཟའ་གོས་རྒྱ་སེ་ཐིའུ་རྒྱ་སྨུག་དང་། རྒྱ་སེ་འཇའ་སྒྲིག་སྟེང་རྩགརྡིག་ར་ཀློ་ཕྲེང་། དཀར་ཤལ།དམར་ཤལ། ཨེ་ཀོར་བྲུམ་འཛར་གའུ། གའུ་གསུམ་སྒྲོམ། མུ་ཏིག་ཐུ་ཁོགམུ་ཏིག་དང་། བྱུ་རུའི་ཕྲེང་བ།གཟི་ཕྲུག་དང་། གསེར་གྱི་བཅུ་ཤད། གསེར་གྱི་ལག་གདུབ།ཕ་ལམ་དང་། པད་རགཨིན་དྲ་ནཱི་ལ་བཅས་ཀྱི་ཕྲ་ལྡན་ཚིགས་ཁེབས།ནོར་བུ་དགའ་འཁྱིལ། སྦ་ཁུག་ཁབ་ཤུབས།རྩེ་གཡུའི་ཐག་པ། གོས་ཟན་སྣེ་ལྔ་།ལྷམ་རྟ་སོ་མ།འོག་འཇུག་ཚོན་སྣ་ལྔ།རྒྱན་གཡོག་ལ་མུ་ཏིག་ཐུ་ཁོག་མེད་ཅིང་། དེ་མིན་འདྲ་བ་ན་བཟའ་ཅུང་ཞེར། ཁྲུང་གཡོག་གྱོན་གོས་དེ་ལས་ཞེར་བ།རྟ་དོམ་གཉིས་བརྩེགས་ཆིབས་རགས་རྣམས་ཀྱི་སྔོན་བསྐྱོད་ཆང་རྒྱབ་པ་ཞེས་ཁྱོ་ག་གོས་རྒྱན་གཞི་སེར་པོ་དང་། ཁ་གྱོན་འགོ་མཚལ།ཞྭ་འབོགའཇའ་ལྷམ་རྒྱ་སྨུགལག་ཏུ་འཚང་བཤངས་རྟ་ལྕག་འཁྱེར་བ།རྟར་ཨོག་དོམ།ཡ་སོར་བརྡ་གཏོང་པས་བརྡ་བཏང་བསྟུན་འདམ་བརྒྱད་ཤོག་དང་། ཡ་གཡོག་བཅས་བཀའ་བསྒྱུར་ཞུ་བཅར་ལ།ཡ་སོར་བགྲེས་པས་ད་ལྟ་སྦུག་དམ་རྩ་ཚིགས་རིན་པོ་ཆེ་སྒྲོགས་སྦྱང་གནང་རྒྱུ་ཡིན་ཞེས་སོགས་བཀའ་གནང་།ཡ་སོར་གཞོན་པས་སྦུག་དམ་རྩ་ཚིགས་སྒྲོགས་སྦྱང་གནང་མཇུགཡ་སོར་བགྲེས་པས་ད་ལྟ་སྦུག་དམ་རྩ་ཚིགས་རིན་པོ་ཆེ་སྒྲོགས་སྦྱང་གནང་བ་ལས་ལྷག་པ་མི་འདུག་ཀྱང་། གལ་ཆེ་ནན་དཔེ་བཞིན་དབུ་གཡབ་འོག་ནས་ས་དབང་༸མི་རྗེ་ལྷན་རྒྱས་ཀྱི་བཀའ་ཕེབས་སྒོ་ལའང་ཁྱོད་རང་ཡ་སོར་སྤྱི་ཁྱབ་པ་ཞེས་ཆེ་བའི་རྟགས་དང། ལུང་གིས་མངགས་པ་ཞིག་ཡིན་ན་ཞུ་སྒོ་རྣམས་འཐུས་ཚང་དགོས་རྒྱུའི་བཀའ་བསྒྱུར་སྤྱི་ཕེབས་དགོངས་དོན། ད་རིང་ཀླུ་སྦུག་སྒར་སྒྲིག་ནས་བཟུང་གྲོལ་སྟོན་བར་སྔར་སྲོལ་རྟ་དམག་དང་། རྐང་དམག་ནས་བྱེད་སྒོའི་སྐོར་འདི་ལྟར་ཡིན་ཞེས་རེ་རེ་བཞིན་སྐད་གསང་མཐོན་པོས་བཀའ་བསྒྱུར་ནན་འདོམས་གནང་།།

keyboard_arrow_up