ཀཽ་ཤཱམ་བྷི་ (Kosambi) ནི། བྱང་ཆུབ་སེམས་དཔའ་སྐུ་བལྟམས་པ་དེའི་ཚེ་ན་གྲོང་ཁྱེར་ཆེན་པོ་བཞི་ཡི་རྒྱལ་པོ་ཆེན་པོ་བཞི་ལ་བུ་རེ་བཙས་པའི་ཡ་གྱལ་རྒྱལ་པོ་དམག་བརྒྱ་པའི་བུ་ཤར་བ་བཙས་པའི་ཡུལ་ཡིན་པ་ཟད། སྔོན་སྒྲས་མངོན་གྱི་
ཀུན་དགའ་ར་བ་ཞེས་པ་སྟོན་པའི་བཞུགས་གནས་དང་། བློན་པོ་གདངས་ཅན་གྱིས་སངས་རྒྱས་སྤྱན་དྲངས་ཏེ་ལོ་གཅིག་བཞུགས་ཤིང་། དེང་སང་གནས་དེར་གནའ་བོའི་ཕོ་བྲང་གི་ཤུལ་དང་། ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་། ཞིང་གི་དཀྱིལ་ན་སྔོན་གྱི་གྲོང་ཁྱེར་གྱི་ལྕགས་རི་གསལ་ཙམ་ཡོད་པ་དང་། ཀཽ་ཤམ་བི་ནས་ལྷོ་ཕྱོགས་རྒྱང་རིང་པོ་ན་རི་བོ་འབིགས་བྱེད་ཀྱང་གསལ་བར་མཐོང༌ཞིང་།
དེང་སྐབས་རྒྱ་གར་གྱི་ཨུ་ཏྟར་པྲ་དེ་ཤའི་ (Uttar Pradesh) གྲོང་ཁྱེར་ཀཱ་པུར་ (Kanpur-allahabad) ཞེས་པ། ཆུ་བོ་ཡ་མུ་ནའི་འགྲམ་དུ་ཀཽ་ཤམ་བིའི་ཤུལ་དེ་ཡོད། ཝཱ་རཱ་ཎ་སཱི་ (Varanasi) ནས་ཀཽ་ཤཱམ་བྷིའི་ (Kaushambi) བར་དུ་སྤྱི་ལེའམ་ཀི་ལོ་མི་ཊར་ ༡༩༩ ཡོད།