༄༅།།བོད་ཟླ་༡༡ཚེས་༦ཉིན་ཕྱེད་ནས་ཚེས་༧ཉིན་ཕྱེད་བར་དུས་ཚོད་ངན་པ་དགུ་འཛོམས་འཁེལ་བས་༸རྒྱལ་བའི་བཀའ་མི་སྒྲོགས་པ་དང་།ཁ་སྨྲས་གླེང་གཞིའི་ཟས་སྤོང་བ་སོགས་བྱ་དགོས་པས་རྣམ་དཀར་གྱི་དགེ་ལས་འཕར་མ་དང།ཁ་མཆུ་འཁྲུག་རྩོད་སོགས་ནམ་ཡང་མི་བྱེད་ཅིང་།དེའི་ཟློག་ཕྱོགས་ཕར་ཚུར་བགྲོན་འབོད་ཐུགས་སྤྲོ་གང་རྒྱས་བཏང་ཡོང་།དེའི་སྐབས་སྐུ་བཅར་སྤྱི་ཁྱབ་མཁན་པོ་མཆོག་ནས་ཕོ་བྲང་ནང་གི་སྐུ་བཅར་གཞུང་ཞབས་ཚང་མར་གསོལ་ཚིགས་རྒྱ་ཁོག་དང་།ཁང་གད་(ཁང་གཉེར་དང་གད་པ་)ལ་ཁ་ལག་གང་རྒྱས་གནང་སྲོལ་ཡོང་།

keyboard_arrow_up