དགའ་ལྡན་ལྔ་མཆོད།
༄༅།། ཚེས་༢༥ཉིན་འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་ཀྱི་ཉིན་མོའི་དུས་མཆོད་དང་སྟབས་བསྟུན་དྲུང་བཞེས་འཆར་ཅན་ཐོགདགུན་ཆས་ན་བཟའ་བརྗེ་བཞེས་ཀྱི་མཚམས་དང་།དེ་ཉིན་རྩེ་ཤོད་ཞབས་གསར་བ་ནས་གསར་མཇལ་ཞུ་བ་སོགས་དྲུང་བཞེས་གྲུབ་འཕྲལ་དགོངས་རྗོགས་མཆོད་སྤྲིན་སླད་༸གོང་ས་མཆོག་དང་༸སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་དབུ་བཞུགས་ཀྱིས་ཆོག་གྲྭ་སྐུ་བཅར་རྣམ་གྲྭའི་དགེ་འདུན།གཞུང་ཞབས་སེར་སྐྱ་ཁོངས་གཏོགས་དང་བཅས་པ་རྩེ་ཕོ་བྲང་གི་རྟེན་གཙོ་འཕགས་པ་ལོ་ཀེ་ཤྭ་ར་སོགས་༸རྒྱལ་མཆོག་གོང་མ་རིམ་བྱོན་གྱི་གསེར་གདུང་རིན་པོ་ཆེ་བཞུགས་པའི་མཆོད་ཁང་སོ་སོར་ཕེབས་ཏེ་མཆོད་འབུལ་མཛད།པོ་ཏཱ་ལ་ཞོལ་གྱི་མི་མང་ནས་དེ་ཉིན་དགའ་ཉེ་བློ་དཀར་རྣམས་མགྲོན་འབོད་ཀྱིས་སྤྲོ་སྐྱིད་གཏོང་སྲོལ་དང་།དགོང་མོ་ཕོ་བྲང་ཡས་མས་དང་ལྷ་ཞོལ་དགོན་ཁགདེ་བཞིན་མི་ཁྱིམ་ཡོངས་རྫོགས།སེར་འབྲས་དགའ་གསུམ་རྒྱ་ཁྱབ་སེར་སྐྱའི་དགོན་ཡུལ་ཚང་མའི་ཡང་སྟེང་མར་མེའི་ཕྲེང་བ་བསྒྲིགས་པའི་གླིང་མེའི་མཆོད་པ་རྒྱ་ཆེན་པོ་ཕུལ་ཡོང་།།